དགའ་སྤྲོ་འཁོལ་བའི་གཏམ་བཟང་ཞུ་རྒྱུ་ཞིག་ལ། རྒྱ་གར་དབུས་གཞུང་ནས་ཕྱི་རྒྱལ་སློབ་ཕྲུག་ཚོས་བོད་རྒྱུད་ནང་བསྟན་ལ་སློབ་སྦྱོང་ཆེད་ཡོང་མཁན་ལ་སློབ་ཕྲུག་ VISA སྤྲོད་ཆོག་པ་བཟོས་ཡོད། . READMORE

Through the health clinic, poor patients and the destitutes can get free consultation, treatment, medicine and diagnostic facilities such as x-ray and the likes. TB patients are daily given their doses through visits to their own places in the monastery. Ambulance can be hired and the patient needs to pay only for the fuel. During large gatherings such as teachings of His Holiness, free clinical consultation is provided. Through this health clinic, the public is informed of the importance of hygiene and various simple preventive measures. ..Readmore…

སེར་སྨད་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བཀྲ་ཤིས་ཚེ་རིང་མཆོག་ལ་ཕྱི་ལོ་ ༢༠༡༩ ཟླ་བ་ ༡༡ ཚེས་ ༡༥ ཉིན་དབྱིན་ཡུལ་རྒྱལ་ས་ལན་ཌན་ཏུ་སྐུ་ཞབས་ཀེནེཐ་ཨོ་ལི་ས་ཡིས་དབྱིན་ཇི་རྒྱལ་མོའི་ཚབ་ཞུས་ཏེ་དབྱིན་ཇི་གོང་མའི་གཟེངས་རྟགས་ཕུལ་བར་དགའ་བསུ་ཞུ།། 

  ༈ དགུ་གཏོར་ཆེན་མོའི་ངོ་སྤྲོད་དང་ཕན་ཡོན་ཟུར་འབུལ་ཞུས་པ་གཞིར་བཟུང་། བོད་ཤིང་ལུག་ལོའི་ལོ་ཧྲིལ་པོ་འདི་ནི་དམིགས་བསལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་རྣམ་དཀར་གྱི་བྱེད་སྒོ་མཐའ་དག་༧གོང་ས་མཆོག་གི་སྐུའི་གསང་བ་གསུམ་ལ་འགལ་རྐྱེན་ཅི་མཆིས་མིང་གི་ལྷག་མར་ཞི་ནས་རྣམ་དཀར་མཛད་འཕྲིན་ཉི་ཟླའི་འོད་སྣང་ས་གསུམ་ན་ཁྱབ་པ་དང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བ། ལྷག་པར་དེང་གི་ཏོག་དབྱིབས་རིམས་ནད་ཀྱི་འགལ་རྐྱེན་མཐའ་དག་རྨེག་མེད་དུ་ཞི་ནས་མཁའ་ཁྱབ་ཀྱི་སྐྱེ་འགྲོ་རྣམས་ཕན་ཚུན་བྱམས་བརྩེའི་མཛའ་བས་ཞི་བདེའི་དཔལ་ལ་སྤྱོད་ཐུབ་པ་སོགས་ཀྱི་ཆེད་དུ་དམིགས་སྟེ་སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༢ ཚེས་ ༡༩ དང་། བོད་ཟླ་ ༡༢ ཚེས་ ༢༦ ནས་ཉིན་བཞིའི་རིང་རྒྱལ་སྲས་བླ་སྤྲུལ་ཁག་དང་། མུ་མཐུད།

 

དོན་རྐྱེན་ཆེ་ཁག

ངོ་སྤྲོད་མདོར་བསྡུས།

སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ནི། ཀུན་མཁྱེན་བྱང་ཆུབ་འབུམ་པས་ཕྱག་བཏབ་གནང་མཛད། འདུ་ཁང་ཀ་རིང་ ༡༢ དང་ཀ་ཐུང་ ༨༨ ཀྱི་གཙང་ཁང་དབུས་སུ་ཇོ་བོ་ཤཱཀྱ་མུ་ནེ་ཐོག་སོ་གཉིས་ཙམ་དང་། གཡས་སུ་བྱམས་པ། གཡོན་དུ་འཇམ་དབྱངས། རྗེ་ཡབ་སྲས་གསུམ། རྗེ་ཕ་བོང་ཁ། ཚེ་སྨོན་གླིང་རྒྱལ་ཐོག་སྐབས་ཕུལ་བའི་ཇོ་བོ་བྱང་ཆུབ་ཆེན་པོ་སོགས་དང་། གཙང་ཁང་ནུབ་ཏུ་སྣེའུ་ཆུང་པའི་ཕྱག་བཟོ་འཇིགས་བྱེད་དང་། ཐ་འགོ། ནག་པོ་སྐོར་གསུམ་སོགས་དང་། གཙང་ཁང་དཀྱིལ་དུ་མི་དབང་ཇོ་བོ་གཙོ་བོར་གྱུར་བའི་ཉེ་སྲས་བརྒྱད། གཙང་ཁང་ཤར་དུ་རྗེ་ཙོང་ཁ་པ་དང་། འཁོར་དག་པ་རྣམ་བརྒྱད། ཇོ་རྔོག་འབྲོམ་གསུམ་བཅས་སོགས་བཞུགས། ཡང་ཐོག་ཉི་མ་ལྷ་ཁང་དུ་ཛྷེ་ཀྵིམ་ལས་གྲུབ་པའི་ཐུབ་པ་གྲོང་ཁྱེར་མ་དང་། མུ་མཐུད།

རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ༼༡༣༥༧༽ལོར་མདོ་སྨད་ཀྱི་སའི་ཆ་ཤར་ཙོང་ཁའི་ཡུལ་༼དེང་སང་མཚོ་སྔོན་ཞིང་ཆེན་ཁོངས་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་ཡིན་འདུག༽དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གསུམ་ལ་ཆོས་རྗེ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་ ༼༧༽ ལ་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད་པ་དང་། ཏ་དབེན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་བློ་བཟང་གྲགས་པ་ཞེས་གསོལ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཙོང་ཁ་པ་སྐུ་བྱིས་པའི་དུས་ནས་བདག་སྐྱོང་གིས་ཤིན་ཏུ་གཅེས་པར་མཛད་དེ་བསྐྱངས་ལ་དབུས་སུ་བྱོན་པའི་ཆ་རྐྱེན་ཡང་བསྐྲུན་པར་མཛད། དགུང་ལོ་༼༡༦༽ལ་སོན་སྐབས་འབྲི་གུང་པའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་འདྲེན་པའི་གྲོགས་དན་དང་བཅས་བོད་དབུས་སུ་བྱོན། མུ་མཐུད།

པན་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་ལི་ཡུལ་ལྕང་ར་སྨུག་པོ་ནས་འོངས་པའི་སེའི་རིགས་ཀྱི་བརྒྱུད་པ་ཡབ་ཀུན་དགའ་བཀྲ་ཤིས་དཔལ་བཟང་དང་། ཡུམ་རུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་མོ་གླང་གི(༡༣༨༥)ལོ་ལ་ལ་སྟོད་བྱང་གི་ས་ཆར་སྐུ་བལྟམས། གཞོན་ནུ་ཉིད་ནས་བྱིས་པ་ཐ་མལ་པའི་སྤྱོད་པ་ལས་རིང་དུ་བསྲིངས་ཏེ་ངམ་རིང་དང་། ས་སྐྱ་སོགས་སུ་ཕེབས་ནས་སྡེ་སྣོད་འཛིན་པའི་མཁས་པ་མང་པོའི་དབུས་སུ་མཚན་ཉིད་ཐེག་པའི་གཞུང་ལུགས་ལ་གསན་སྦྱོང་ཡང་དག་པར་མཛད། མཁྱེན་རང་ཐོགས་པ་མེད་པའི་བློ་གྲོས་ཀྱི་རྩལ་དང་ལྡན་པས་མཁས་པ་རྣམས་ཀྱི་ཡིད་ཕྲོགས་ཏེ་སྙན་པའི་གྲགས་པ་ཐོབ། མཁས་གྲུབ་སེང་གེ་རྒྱལ་མཚན་བཟང་པོས་མཁན་པོ་དང་།རྒྱལ་བ་ཡོན་ཏན་འོད་ཀྱིས་སློབ་དཔོན་མཛད་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་མཁས་གྲུབ་དགེ་ལེགས་དཔལ་བཟང་གསོལ། མུ་མཐུད།

༈ འཇམ་མགོན་རྒྱལ་བ་གཉིས་པའི་སློབ་མ་ཕྱི་མཐར་སྐྱོང་བའི་དར་ཆེན་བདུན་གྱི་ནང་ཚན་མདོ་ཁམས་པ་ཀུན་མཁྱེན་བྱང་ཆུབ་འབུམ་པ་དེ་ཉིད་ཀྱིས་ཕྱག་བཏབ་པ་ཡིན། ཀུན་མཁྱེན་ཉིད་ནི། རྒྱལ་མཆོག་བདུན་པ་ཆེན་པོ་སྐལ་བཟང་རྒྱ་མཚོའི་གསུངས་ལས། མཁྱེན་རབ་རིན་ཆེན་རྩེ་ངོས་ཆོས་ཀུན་ལ། བྱང་ཆུབ་སེམས་དཔའི་འདྲ་གཟུགས་འབུམ་སྤྲོས་པས། མཁས་དབང་འཆི་མེད་ཡོངས་ཀྱི་དགའ་སྟོན་གཏེར། འཇིར་འཇིགས་འགྲོ་བའི་མགོན་པོ་རྒྱལ་གྱུར་ཅིག ཞེས་བསྔགས་པ་ལྟར། དམ་པ་དེ་ཉིད་ཀྱི་འཁྲུངས་ཡུལ་ནི། མུ་མཐུད།

བཀྲ་ཤིས་བདེ་ལེགས།

༄༅། །སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ནི་རྗེ་ཙོང་ཁ་པ་ནས་ཁོང་གི་སློབ་མ་ཀུན་མཁྱེན་བྱང་ཆུབ་འབུམ་པ་བཅས་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་དང་ལྡན་པའི་གདན་ས་ཆེན་པོ་འདི་ནི་རྒྱ་ཆེ་བའི་ནང་ཆོས་དང་འབྲེལ་ལུང་དང་རིག་དང་དངོས་ཡོད་ཀྱི་སེམས་ཀྱི་སྦྱོང་བརྡར་བཅས་ཀྱི་ཡོན་ཏན་ཕྱུང་པ་ལས་མཁས་པ་མང་དག་དང་ལྷག་པར་ཚན་རིག་པ་རྣམས་ཀྱི་ཡིད་ལ་འཇགས་ཏེ་ཉམས་ཞིབ་ཀྱང་བྱེད་བཞིན་ཡོད། ཟབ་མོ་དང་རྒྱ་ཆེ་བའི་ནང་པའི་བསྟན་པ་དེ་ཉིད་ནི་བོད་ནང་དུས་རབས་མང་པོའི་རིང་ནས་སྒོམ་དང་ཉམས་ལེན་གྱིས་རྒྱ་ཆེར་གནས། གང་ལྟར་ན། དེང་དུས་ཀྱི་འཛམ་གླིང་མི་མང་ཡོངས་ནས་གྲྭ་ཚང་ཉིད་ཀྱི་ལོ་རྒྱུས་དང་། ཆོས་དང་རིག་གཞུང་སོགས་ལ་དོ་སྣང་གི་ཡུལ་རུ་འགྱུར་པ་དང་། མུ་མཐུད།

འཛུལ་ཞུགས་མཐུན་རྐྱེན།     |      ཡིག་རྒྱུགས།

ཤེས་ཡོན།

ཤེས་ཡོན་ཞེས་པ་ཚོགས་དྲུག་གི་ཡུལ་ཤེས་པ་ཙམ་མིན་གྱི་བླང་དོར་གྱི་སྤུ་རིས་འབྱེད་པ་ལ་ཟེར་ཞེས་དང༌། ཤེས་ཡོན་སྲིད་བྱུས་ལས། ཤེས་ཡོན་ཞེས་པ་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང༌། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་བྱ་རྒྱུ་ཞེས་དང༌། ཡང་དེ་ཉིད་ལས། ཤེས་ཡོན་ཞེས་པ་གཞན་ལས་ཐོས་པའི་དོན་འཛིན་པ་ཙམ་ལ་མི་འཛིན་པར། ཐོས་པའི་དོན་ལ་རང་སྟོབས་ཀྱིས་བསམ་པས་ངེས་པ་རྙེད་པ་དང༌། བསམ་པའི་དོན་ལ་ཡང་ཡང་གོམས་པས་མཐར་ཕྱིན་པར་བྱེད་པ་སྟེ། གཞན་ལས་ཐོས་པ་དང༌། རང་གིས་དཔྱད་པ། དེ་ལ་ཡང་ཡང་གོམས་པ་གསུམ་དང་ལྡན་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཞེས་དང༌། དག་ཡིག་གསར་བསྒྲིགས་ལས། ཤེས་སྒོ། མུ་མཐུད།

སློབ་དུས་དང་མཉམ་སྡེབ།